སྨན་གྱི་རྫི་ངད་ཕྱོགས་སུ་འཐུལ་བའི་རང་བྱུང་མེ་ཏོག་གིས་མཛེས་པའི་གནས་ཡུལ། གངས་ཟླ་ཤེལ་ལྷུན་པོའི་ལྕགས་རི་རྭ་བས་ཕྱོགས་ཡོངས་སུ་སྐོར་བའི་ངོ་མཚར་གྱི་ལྗོངས་ཆེན་པོ་འདི་ནི་ང་ཚོའི་མི་རབས་ནས་མི་རབས་ལ་འདི་བཞིན་མཛེས་པའི་རེ་བ་དང་། ཇི་བཞིན་བརྗིད་པའི་སྤོབས་པ་བྱེད་པ་ཡིན་ན་ད་ལྟ་འཛམ་གླིང་འདིར་ལྷག་ཡོད་པའི་ཞིང་ཁམས་ཐ་མ་ཞེས་གྲགས་པ་དེ་སྲུང་སྐྱོབ་ཐུབ་པའི་ཡིད་ཆེས་ཡོད། ཨ་ཕའི་ཨ་ཕ་སོགས་མེས་པོ་ཚོའི་ལྷ་མིག་དག་པའི་སྤྱན་གྱིས་གཟིགས་བྱུང་བ་ཡིན་ན་ང་ཚོ་ནི་ནུས་པ་ཡོད་པའི་རྒྱུད་འཛིན་པ་དང་གངས་རིའི་ཚེ་སྲོག་འཛིན་པའི་བོད་སྤྲེལ་གནས་ལུགས་ཤེས་མཁན་ཞིག་རེད་དགོངས་རྒྱུ་རེད།། 2013-01-20 持明 仁增塔欽