跳到主要內容

發表文章

目前顯示的是有「中觀 朋友圈發文」標籤的文章

《入雄心菩薩行論》 持明 仁增塔欽仁波切新譯及闡述⚜️持明 仁增塔欽⚜️ 2021年9月13日 གལ་ཏེ་དེས་དེ་ལས་རྙེད་དམ།། 若已從他處獲得 སྦྱིན་བདག་ཁྱིམ་ན་གནས་གྱུར་པ།། 或物在功德主家 ཀུན་དུ་དེ་ཁྱོད་ལ་མེད་ན།། 一切悉非汝所有 བྱིན་མ་བྱིན་དུབ་དེས་ཅི་བྱ།། 施或不施汝何干

 《入雄心菩薩行論》 持明 仁增塔欽仁波切新譯及闡述 ⚜️持明 仁增塔欽⚜️ 2021年9月13日 གལ་ཏེ་དེས་དེ་ལས་རྙེད་དམ།། 若已從他處獲得 སྦྱིན་བདག་ཁྱིམ་ན་གནས་གྱུར་པ།། 或物在功德主家 ཀུན་དུ་དེ་ཁྱོད་ལ་མེད་ན།། 一切悉非汝所有 བྱིན་མ་བྱིན་དུབ་དེས་ཅི་བྱ།། 施或不施汝何干 「若已從他處獲得,或物在功德主家」,當功德主將自己的金錢財物,供養上師或是送給其他人,這些財物可能已經供養在上師的家裡,也有可能功德主尚未供養出去,而你對如此的供養嫉妒了,看到別人供養或布施的時候生起嫉妒心了。 功德主尚未布施或供養時,這個東西是在功德主的家裡;若供養或布施之時,則供品是在受供養的對象家裡存在著。是什麼東西呢?所指的是物質或金錢財物。若不是在功德主的家裡,就是在受供者的家中存在著。 「一切悉非汝所有,施或不施汝何干」,不管怎麼樣,你總是沒能得到,你嫉妒什麼?如果這些金錢財物沒有供養出去的時候,就在功德主家裡,又不是你的,你嫉妒有何用;如果這些金錢財物供養布施出去了,則是在受供者的家裡,也不是你的,那麼你嫉妒有什麼用? 功德主供養馬、牛或金錢財物給上師,或是布施給窮人或需要被慈悲的貴客,如果這個時候你心裡不舒服,心裡嫉妒,是非常非常起不了作用的一件事情,因為你是得不到任何東西,那些東西與你一點關係都沒有呀!因為在功德主家裡的時候你也得不到,若供養在上師或是其他人的家中時,東西也不在你的手裡,所以你嫉妒是沒用的。因此要做的就是修忍辱、修隨喜、修無記的心態,心通順是最好的。 持明 仁增塔欽仁波切個人思想闡明: 這個東西不是你的,是功德主的,或者是上師的,或接受布施的對象的,當下放置、安置在誰的家裡,則誰得到,就是他的嘛!所以你不需要嫉妒啊!因為你嫉妒也沒用。功德主不想供養金錢財物時,財物則在他的家裡,你嫉妒有什麼用?若供養、布施出去以後,就在接受供養或布施對象的家裡,你在這裡苦苦悶悶的有什麼用?所以要用無記的心態生起歡喜、隨喜是最好的。 如果上師是布施的對象,他得到供養和布施的話,這是跟他過去福報有關係的,你嫉妒有什麼用啊?有些功德主供養上師是因為,上師有智慧、有教育、有慈悲,所以功德主在信心具足的情況下供養布施。此為上師本身的修力,為什麼你要嫉妒呢? 如果接受布施的對象是...

持明 仁增塔欽仁波切新譯及闡述🌈持明 仁增塔欽🔗 2021年8月27日 ད་ལྟའི་སྡུག་བསྔལ་འདི་ཙམ་ལའང།། 現今如是輕微苦 བདག་གིས་བཟོད་པར་མི་ནུས་ན།། 若是我尚無法忍 དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ།། 地獄道痛苦之因 ཁྲོ་བ་ཅི་སྟེ་བཟློག་མི་བྱེད།། 瞋恨云何不淨化

《入雄心菩薩行論》 持明 仁增塔欽仁波切新譯及闡述 🌈持明 仁增塔欽🔗 2021年8月27日 ད་ལྟའི་སྡུག་བསྔལ་འདི་ཙམ་ལའང།། 現今如是輕微苦 བདག་གིས་བཟོད་པར་མི་ནུས་ན།། 若是我尚無法忍 དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ།། 地獄道痛苦之因 ཁྲོ་བ་ཅི་སྟེ་བཟློག་མི་བྱེད།། 瞋恨云何不淨化 「現今如是輕微苦,若是我尚無法忍」,當自己或親友遭受到他人或仇敵的傷害與破壞時,一般人心裡一定很難受,甚或感到痛苦,但若連這樣一個小小的痛苦也無法忍受的話,此處小小的痛苦意指仇敵傷害破壞你的親友,或是親友的仇敵破壞傷害你的時候,他人造成的這種小小的痛苦,如果你都忍受不了,那麼墮入地獄道所產生的痛苦又如何忍受得了呢?肯定會更加倍的痛苦。 「地獄道痛苦之因」,關於地獄極其難忍的痛苦,有燃燒的火、冰凍的雪地,這些痛苦展現的主要原因是,自己由於親友的因素,導致自相續之中的憤怒心,才會讓我們墮入地獄道。 當仇敵傷害或破壞你的親友時,你會為了保護他們而生氣,而依著傷害的程度,你心中因而生氣、憤怒起來,在產生憤怒的同時,亦需感受地獄道的痛苦。 「瞋恨云何不淨化」,可見親友的輕蔑、小看與破壞,或者仇敵破壞、傷害你,並不會讓你墮入地獄道。但是如果你內心產生瞋恨心的話,必然要感受地獄道的痛苦,而相較於仇敵的傷害與破壞,此小小的苦只是地獄道痛苦的微乎其微,所以我們能修成忍辱是最好的。 墮入地獄道的原因是憤怒及瞋恨心,一旦生起瞋恨心,後果是相當的嚴重,因此修成忍辱是最好的。當仇敵傷害破壞你的親友時,不要理會,而應修成忍辱。自相續之中產生瞋恨心的時候,也要斷除瞋恨心,修成忍辱。 特別是受到親友的影響,或其仇敵之影響,自己的心要開始產生瞋恨心的時候,一定要降低瞋恨心,修成忍辱。 持明 仁增塔欽仁波切個人思想闡明: 若是沒有修成忍辱的話,在生生世世的輪迴裡,業果是非常不好的,會墮入三惡道或地獄道。 瞋恨心的業力是最重的,修持忍辱的功德最大,而最難修的也是忍辱。 總之,他人輕蔑、小看親友時,還是要處於修持忍辱的狀態之中,保持自己的慈悲心,不要散失善心福德。

འདི་ནི་ངའི་སྙིང་དབུས་སུ་སྨིན་པའི་གདམས་ངག་བཟང་པོ་ནམ་ཡང་བརྗེད་དུ་མེད་པ་ཞིག་རེད། 2013-02-19 持明 仁增塔欽

རྫོགས་ཆེན་འབྲུག་པའི་མདུན་དུ་ངེད་སྤུན་རྣམས་མཇལ་སར་སོང་བ་ཡིན་ཁོང་བགས་དྲོ་བའི་ངང་དུ་སྐུ་གཟུགས་དྭངས་མར་བཞུགས་འདུག ཁོང་གིས་འཇམ་དཔལ་མཚན་བརྗོད་འབུམ་ཕྲག་དང་ཨ་ར་པ་ཙ་དུང་ལྗགས་བཟླས་བྱས་ཡོད་པ་སོགས་གསུང་བྱོན་རྗེས་ང་ཚོ་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལུང་གསུངས།ཡང་ཁོང་གིས་མུ་ནས་གསུངས་པ་ང་ལ་རེ་བ་ཞིག་ཡོད་པ་ནི་ཁྱེད་སྤུན་རྣམས་ལོ་ན་མི་ཆུང་ད་ཕན་ཆོད་མཚམས་ལ་རེ་འདུག་ཐུབ་ན་འདིས་གལ་ཆེ་བ་ཞིག་མེད་གསུང་། འདི་ནི་ངའི་སྙིང་དབུས་སུ་སྨིན་པའི་གདམས་ངག་བཟང་པོ་ནམ་ཡང་བརྗེད་དུ་མེད་པ་ཞིག་རེད། 2013-02-19 持明 仁增塔欽

ལན་ཞིག་ཞུ་ན། སངས་རྒྱས་ཆོས་ཀྱི་ཡོན་ཏན་ཟེར་བ་ནི་མིའི་བསམ་སྤྱོད་དང་འགྲེལ་བ་ཡོད་པ་ཞིག་རེད། 2013-02-17 17 持明 仁增塔欽

  ལན་ཞིག་ཞུ་ན། སངས་རྒྱས་ཆོས་ཀྱི་ཡོན་ཏན་ཟེར་བ་ནི་མིའི་བསམ་སྤྱོད་དང་འགྲེལ་བ་ཡོད་པ་ཞིག་རེད། ཡོན་ཏན་འདི་རང་སེམས་ནང་མ་ཚུད་པའི་མིས་ཆོས་ནི་མི་ཚེ་འདིའི་འཚོ་སྐྱོབ་ཙམ་ཞིག་དོན་དུ་གཉེར་བའི་ལག་ཆ་རེད། འདི་ལ་རྒྱུ་མཚན་མེད་བསམ་ན་རང་གིས་ཆོས་ལ་སློབ་སྟངས་དེ་གཞི་ནས་ནོར་བ་རེད། ནོར་བ་དེ་རང་གི་ཁོར་ཡུག་བྱིས་པའི་ནང་དུ་ལག་སྟར་བྱས་ནས་སློབ་གྲྭ་འགྲོ་བ་དེ་གལ་ཆེན་རེད། བཤད་གྲྭ་འགྲོ་བ་དེ་རྒྱུ་མཚན་མེད་དོ་བསམ་ནས་བྱིས་པ་ཚོ་སློབ་གྲྭ་ལ་ཞུགས་བཅུག་པ་འདི་བསམ་བློ་བཏང་དགོས་པ་ཞིག་ཆགས་ཡོད།སློབ་གྲྭ་ནང་གི་སློབ་གསོ་ཕལ་ཆེར་ཚེ་འདི་ཙམ་རེད། བཤད་གྲྭ་བཟང་པོའི་སློབ་གསོ་ནི་ཚེ་འདི་དང་ཚེ་ལུས་མང་པོ་ལ་ཕན་ཐོག་ཡོད་པ་ཞིག་བཤད་ཡོད།འདི་གཉིས་གོ་རིམ་ཡོད་པ་བྱས་ཏེ་སློབ་ཐུབ་པ་དང་། གཞན་ང་ཚོ་དང་པོ་ནས་སློབ་སྦྱོང་གི་དམིགས་ཡུལ་དང་སློབ་སྦྱོང་རྗེས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་ལ་བསམ་ནས་བཤད་གྲྭ་དང་སློབ་གྲྭ་ལ་ཞུགས་དགོས། 2013-02-17 17 持明 仁增塔欽

སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཞེས་མཁའ་འོག་འགྲོ་བ་འདྲེན་པ་ལ་ཤེས་རབ་སྙིང་རྗེ་ཚད་མེད་པའི་དེད་དཔོན་ཆེན་པོ་གང་ཉིད། ཐུན་མོང་གདུལ་བྱའི་སྣང་ངོ་ལ་མཛད་པ་བཅུ་གཉིས་དང་། 2013-02-01 持明 仁增塔欽

 སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཞེས་མཁའ་འོག་འགྲོ་བ་འདྲེན་པ་ལ་ཤེས་རབ་སྙིང་རྗེ་ཚད་མེད་པའི་དེད་དཔོན་ཆེན་པོ་གང་ཉིད། ཐུན་མོང་གདུལ་བྱའི་སྣང་ངོ་ལ་མཛད་པ་བཅུ་གཉིས་དང་། ཐུན་མིན་དོན་དམ་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོར་བཞུགས་པའི་སངས་རྒྱས་སྤྲུལ་སྐུའི་རྣམ་པར་བྱོན་པ་གང་གིས། ཤེས་རབ་ཆེན་པོས་སྟོང་པ་གཏན་ལ་ཕབ་པ་དང་། སྙིང་རྗེ་ཆེན་པོས་རྟེན་འབྱུང་གི་ནུས་པ་ཚུལ་བཞིན་གསལ་རྒྱས་རྫོགས་པར་གསུངས་པའི་རྗེས་སུ་འབྲང་པའི་ཐེག་པ་ཆེ་ཆུང་གི་བརྒྱུད་འཛིན་མང་པོ་ཡོད། ནུབ་ཕྱོགས་བཤིས་ལའི་དུས་ཀྱི་མཚན་ཉིད་རིག་པའི་བསམ་བློའི་ཤིང་རྟ་སྲུས་གི་བླ་ཏས་ཁོང་གི་ལྟ་བ་གཙོ་བོ་མིའི་གཞིའི་ནོར་འཁྲུལ་ཟེར་བ་ཁས་མི་ལེན། ཡིན་ནའང་མི་ལ་མི་ཤེས་པའི་ནོར་འཁྲུལ་ཡོད་པ་དེ་མི་ཕན་ཚུན་སློབ་གསོ་བཟང་པོ་བཏང་ནས་བསྒྱུར་བ་དང། གཞན་ལ་སེམས་ཁུར་དགོས་པ་སོགས་བཤད་ཡོད། མཚན་ཉིད་རིག་པའི་སློབ་གསོས་བསྐྱེད་བསིངས་བའི་བརྒྱུད་འཛིན་པ་མང་པོ་ཡོད། རྒྱ་ནག་གི་ཁུང་ཙིས་སློབ་གསོ་གཙོ་བོ་གུས་ཞེན་དང་། དྲིན་ལན། ཕན་སེམས། དགའ་བ། ཡིད་ཆེས། དྲང་བདེན། མཐུན་པོ།བརྟན་པོ་སོགས་བཤད་དེ་རྒྱལ་པོ་ལ་གུས་ཞབས་བྱས་ནས་རྒྱལ་པོས་འབངས་མི་ལ་ཕན་པ་སྒྲུབ་པའི་ཡིད་ཆེས་བྱས་པའི་བརྒྱུད་འཛིན་མང་པོ་བྱུང་། སྟོན་པ་སངས་རྒྱས་དང་། ཁུང་ཙ...

བརྒྱུད་གསུམ་ངོ་བོ་བཀའ་དྲིན་མཚུངས་མེད་པ།།ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ།།སྙིང་དབུས་མི་ཤིག་ཐིག་ལེར་རྟག་བཞུགས་ནས།།གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག། ་གསོལ་འདེབས་ཞལ་གསུང་རེད། 2013-01-28 持明 仁增塔欽

བརྒྱུད་གསུམ་ངོ་བོ་བཀའ་དྲིན་མཚུངས་མེད་པ།།ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ།།སྙིང་དབུས་མི་ཤིག་ཐིག་ལེར་རྟག་བཞུགས་ནས།།གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག། ་གསོལ་འདེབས་ཞལ་གསུང་རེད། 2013-01-28  持明 仁增塔欽

ལྔ་རིག་སྣང་བའི་བགྲོ་གླེང་ཐེངས་དྲུག་པ་ལ་པར་རིས་འདི་ལ་གསུང་བཤད་དང་།ལྔ་རིག་དང་འགྲེལ་བའི་རང་མོའི་བགྲོ་གླེང་། 2013-01-28 持明 仁增塔欽

ལྔ་རིག་སྣང་བའི་བགྲོ་གླེང་ཐེངས་དྲུག་པ་ལ་པར་རིས་འདི་ལ་གསུང་བཤད་དང་།ལྔ་རིག་དང་འགྲེལ་བའི་རང་མོའི་བགྲོ་གླེང་། 2013-01-28  持明 仁增塔欽

2013-01-29 持明 仁增塔欽སྤུན་དམ་པ་རྫོགས་ཆེན་ཆོས་དགའ་དང་སྨན་སྤྲུལ་དགེ་གྲགས་ཀྱི་ཐུགས་བསྐྱེད་ལས་བྱུང་བའི་རེག་དུག་སྔོན་འགོག་སྐོར་གྱི་དེབ་འདི་སྔ་ཕྱིར་མང་པོར་པར་ནས་བོད་ཁུལ་ས་གནས་མང་པོ་ལ་བཏང་བཞིན་པ་འདི་ལ་རྗེས་སུ་ཡིད་རངས་ཞུ།

སྤུན་དམ་པ་རྫོགས་ཆེན་ཆོས་དགའ་དང་སྨན་སྤྲུལ་དགེ་གྲགས་ཀྱི་ཐུགས་བསྐྱེད་ལས་བྱུང་བའི་རེག་དུག་སྔོན་འགོག་སྐོར་གྱི་དེབ་འདི་སྔ་ཕྱིར་མང་པོར་པར་ནས་བོད་ཁུལ་ས་གནས་མང་པོ་ལ་བཏང་བཞིན་པ་འདི་ལ་རྗེས་སུ་ཡིད་རངས་ཞུ། དེ་རིང་ནུས་འཇོམས་དུག་སྲིན་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས་ཀྱི་དེབ་ཆུང་འདི་ཚར་ཁྲི་ལྔ་པར་ཟིན་པ་རེད། ད་ཐེངས་ལོ་གསར་རན་པའི་དབང་གིས་ཕར་ཚུར་ཅ་ལག་བསྐུར་སའི་ལས་ཁུང་རྣམས་སྒོ་རྒྱབ་འདུག་པས། ལོ་གསར་སྔོན་ལ་བསྐུར་ཐབས་མི་འདུག་པས་ལོ་གསར་རྗེས་སུ་ཡུལ་ཕྱོགས་སོ་སོར་དགོས་མཁན་རྣམས་ཀྱིས་ང་ལ་འབྲེལ་བ་གནང་དང་ངས་བསྐུར་ཡོང་ལགས། 2013-01-29  持明 仁增塔欽

ཨའའའའཨའའའའ 2013-01-30 持明 仁增塔欽

ཨའའའའཨའའའའ 2013-01-30 持明 仁增塔欽

ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་གསོལ་འདེབས་བྱིན་ཅན། 2013-01-30 持明 仁增塔欽

ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་གསོལ་འདེབས་བྱིན་ཅན། 2013-01-30  持明 仁增塔欽  

ཤ་ཡི་ཉེས་པ་མཐོང་དུས་ཤ་ཚག་འཕར།།ཤ་ཡི་འབྱུང་ཁུངས་མཐོང་དུས་ཤ་ཚ་སྐྱེ།། 2013-01-31 持明 仁增塔欽

ཤ་ཡི་ཉེས་པ་མཐོང་དུས་ཤ་ཚག་འཕར།།ཤ་ཡི་འབྱུང་ཁུངས་མཐོང་དུས་ཤ་ཚ་སྐྱེ།།ཤ་ཡི་ལྷུ་ལག་མཐོང་དུས་ཤ་ཟ་བསམ།།ཤ་ལ་དགའ་བའི་བདག་དང་བདག་འདྲ་བ།།ཤ་རིགས་གཙང་མར་སྤང་བའི་མཐུ་ཐོབ་ཤོག།སྲོག་གི་རིན་ཐང་ཤེས་པའི་མཁས་པ་དང་།།དུད་འགྲོའི་བདེ་སྡུག་དྲན་པའི་སྙིང་རྗེ་ཅན།།ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་ཅི་འདྲ་བ།།དམན་པ་བདག་ཀྱང་དེ་བཞིན་འགྲུབ་པར་ཤོག།༄༅།། །།བཅོམ་ལྡན་འདས་ཀྱིས། བློ་གྲོས་ཆེན་པོ།ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་གནང་བར་མི་འགྱུར་ཏེ། རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་ངས་བཤད་དོ། ཞེས་དང་། བློ་གྲོས་ཆེན་པོ།སྲིན་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱིས། ཆོས་ཉིད་བཟང་པོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་ལྡོག་ཅིང་སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་འདོད་པའི་སྐྱེ་བོ་རྣམས་ལྟ་ཅི་སྨོས།ཞེས་གསུས་སོ། ࿑དུས་འཁོར་ཕྱི་མ་རྒྱུད་ཀྱི་སྙིང་པོ་ལས།དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡི་རོ་མྱོང་རོ་ལ་རྗེས་སུ་ཚོལ་བྱེད་ཅིང་། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དགེ་སློང་རྣམས་དང་དགེ་ཚུལ་ཡང་ནི་དམྱལ་བར་འགྲོ།ཞེས་དང་།࿑འཕགས་མཆོག་ཐུགས་རྗེ་ཆེན་པོས།ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས།ཡིན་པས་སྡོམ་པ་ཉམས་ཤིང་ཉོན་མོངས་འཕེལ།གཞན་ཕན་བྱམས་དང་སྙིང་རྗ...

ཀུན་མཁྱེན་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ༦༤༨འཁོར་བའི་རྗེས་དྲན་འདས་མཆོད་ཆེན་མོ་འདིར་བསོད་ནམས་དགེ་བ་ལ་འབད་པ་དང་། གསུང་ཆོས་བདུད་རྩིའི་མཚོ་མོ་ལ་བསམ་དཔྱོད་བྱས་ན་ཐུང་ངུའི་མི་ཚེའི་ནང་གི་ངོ་མཚར་གྱི་གཟི་བརྗིད་ཡིན། 2013-01-30 持明 仁增塔欽

ཀུན་མཁྱེན་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ༦༤༨འཁོར་བའི་རྗེས་དྲན་འདས་མཆོད་ཆེན་མོ་འདིར་བསོད་ནམས་དགེ་བ་ལ་འབད་པ་དང་། གསུང་ཆོས་བདུད་རྩིའི་མཚོ་མོ་ལ་བསམ་དཔྱོད་བྱས་ན་ཐུང་ངུའི་མི་ཚེའི་ནང་གི་ངོ་མཚར་གྱི་གཟི་བརྗིད་ཡིན། 2013-01-30 持明 仁增塔欽

ང་བྱིས་པ་ཡིན་དུས་སྤྲུལ་པའི་ལྷ་བཟོར་གྲགས་པའི་རྫོགས་ཆེན་ལྷ་བཟོ་བསོད་རྒྱལ་གྱིས་ཞི་དང་། 2013-01-28 持明 仁增塔欽

ང་བྱིས་པ་ཡིན་དུས་སྤྲུལ་པའི་ལྷ་བཟོར་གྲགས་པའི་རྫོགས་ཆེན་ལྷ་བཟོ་བསོད་རྒྱལ་གྱིས་ཞི་དང་། ཁྲོ་བོ། ཞི་མ་ཁྲོའི་ཉམས་བརྒྱའི་མཛེས་པས་ཕྱུག་པ་འདི་དག་བཟོ་བཞིན་ཡོད། འདི་སྐབས་རྫོགས་ཆེན་ལྷ་སྡེ་ཡོངས་ཀྱིས་སྤྲོ་སེམས་འཁོར་བའི་ངང་ནས་འཆམ་གྱི་གར་སྟབས་ལ་ལྟད་མོར་རོལ་ཐུབ་པའི་ངང་སྒུག་བྱེད་པའི་ཚུལ་འདི་ནི་ང་ཚོའི་སྡེ་བས་མ་གྲོས་བསམ་པ་ཕྱོགས་མཐུན་ཡིན།གཟིགས་དང་རུ་ཕྱོགས་སོ་སོ་ལ་ཐོབ་པའི་དཔའ་རྟུལ་དང་ཝེར་མའི་འཆམ་གོས་གཟོ་བཞིན་པ་དང་། ལས་གྲུབ་པའི་འཆམ་གོས་ཚོད་ལྟ་བྱེད་དགོས་པས་ང་ཚོ་བྱིས་པ་རྣམས་འཚང་ཁ་བྱེད་ནས་ཝེར་མའི་གོས་འབག་གྱོན་ནས་རང་གི་གཟི་བརྗིད་ཐེར་འདོན་བྱེད་ཅི་ཐུབ་བྱེད། སྤྱིར་བསོད་རྒྱལ་ལགས་ཀྱིས་འདྲ་འབག་གལ་ཆེའི་ཉམས་སྤྲུལ་སྐུ་རིན་པོ་ཆེ་སྐལ་བཟང་མཆོག་ལ་བཀའ་འདྲི་ཞུ་ནས་འབག་བཟོས་ཀྱིན་ཡོད་པ་དང་སྤྲུལ་རིན་པོ་ཆེས་ཀྱང་འབག་གཟོས་ཡོད་པ་རེད་ཟེར་བའང་དྲན་གྱིན་འདུག མདོར་ན་བསྟན་པ་ཡང་དར་གྱི་དུས་བཟང་ལ་གླིང་གེ་སར་རྡོ་རྗེའི་གར་འཆམ་བྱེད་པ་འདི་སྐོམ་པ་ཆུ་འདོད་ལྟར་འབྲོག་རུ་སྡེ་བ་སོགས་ཀྱིས་སྒུག་ཡོད་།བཀྲ་ཤིས་པའི་ཉིན་འདིར་དངོས་སུ་འདྲེན་བྱེད་ལམ་དུ་མཇལ་དུ་ཡོད་པ་ནི་དེ་དུས་ཀྱི་བླ་སྤྲུལ་དང་རུ་ཕྱོགས་དགུ་བོའི་འབད་བརྩོན་ལས་བྱུང་བ་རེད།འདི་ཡར་མར་རྗེ་བླ་མ་པདྨ་སྐལ་བཟང་...

༄། དེ་ལྟར་བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། 2013-01-27 持明 仁增塔欽

༄། དེ་ལྟར་བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། དགོང་པ་ཟང་ཐལ་ལས། གསང་སྔགས་དམ་རྫས་བླང་བྱའི་རྫས་ཡིན་ཡང་། གཙང་དམེ་སྤང་བླང་མེད་པར་མ་རྟོགས་པརཿ ཤ་ཁྲག་ཆང་ལ་བག་མེད་སྤྱོད་པ་སྤངཿ བདུད་རྩི་རྣམ་ལྔ་སྨན་གྱི་དྲི་ཙམ་བླངཿ ཞེས་དང་། ཤ་ཆང་ཁྲག་ལ་བག་མེད་སྤྱོད་པ་རྣམསཿ སྡིག་ཅན་སྐྱེ་བོའི་ཟས་ཏེ་ཆོས་ཀྱི་བདུདཿ ཞེས་དང་། དང་པོ་ཚོགས་ཀྱི་འཁོར་ལོ་ལཿ རོ་དྲུག་ཚང་བའི་ཟས་བརྒྱ་དང་ཿ ཡོ་བྱེད་ཕུན་སུམ་ཚོགས་པ་བཤམསཿ དེ་ཡང་མཆོག་ཏུ་བསྔགས་པ་ཤ་དང་ཆང་ཡིན་་ཏེཿ ཤ་ནི་ནད་ཡུན་རིང་གིས་ཤི་བ་མ་ཡིན་པཿ མིའམ་གཅན་གཟན་གྱིས་བསད་པ་མ་ཡིན་པཿ གྲི་ཐབས་སྣ་དགུ་དངཿ དོམ་ཤ་བླང་བར་མི་བྱ་འོཿ རང་རྐྱེན་ཚེ་ཟད་ནས་ཤི་བ་ཁོ་ན་བསྔགས་སོཿ ཅེས་གསུངསོ། །མྱ་ངན་འདས་མདོ་ལང་ཀར་གཤེགས་སོགས་ལས། གང་གིས་ཤ་ཟོས་སྲོག་གཅོད་ཆ་མཐུན་པ། ཐེག་པ་ཆེ་ཆུང་གང་ལས་བཀག་པ་དང་། དགོས་སུ་བྱང་ཆུབ་སེམས་དཔལ་ལ་མ་གནང་། བདག་ཅག་སྟོན་པ་སྲེག་པའི་ཕྲུག་གུ་དང་། གཅན་གཟན་གྱུར་དུས་ཤ་ནི་བཀག་པ་བཞིན། སྟོན་པའི་རྗེས་འཇུག་རྣམས་ལ་སྨོས་ཅི་དགོས། དེ་ནི་རྒྱལ་བའི་བཀའ་དང་མཐུན་པ་བཞིན། འཕགས་བོད་སྐྱེས་མཆོག་མང་པོས་དགག་བྱ་ཡོད། ཅེས་གྲུབ...

🎂持明仁增塔欽仁波切生日當天,令人送來的禮讚。🍚🍚🍚ཁྱེད་ཀྱིས་འཁུངས་སྐར་ལ་་་་་ཁྱེད་ཀྱིས་འཁྲུངས་སྐར་ལ་་་་་བཀྲ་ཤིས་བདེ་ལེགས་་་་་་་ཁྱེད་ཀྱིས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།། Happy birthday.... Happy birthday.... Happy birthday to you..

  🎂持明仁增塔欽仁波切生日當天,令人送來的禮讚。🍚🍚🍚ཁྱེད་ཀྱིས་འཁུངས་སྐར་ལ་་་་་ཁྱེད་ཀྱིས་འཁྲུངས་སྐར་ལ་་་་་བཀྲ་ཤིས་བདེ་ལེགས་་་་་་་ཁྱེད་ཀྱིས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།། Happy birthday.... Happy birthday.... Happy birthday to you.. བཀྲ་ཤིས་པའི་་ཉིན་འདི་ནི་ཁྱེད་འཛམ་གླིང་འདི་ལ་ཕེབས་པའི་ཉིན་དེ་རེད་ལ། ལོ་ལེགས་པའི་སྐར་མ་འདི་ནི་ཁྱེད་སེམས་ཅན་བདེ་སྡུག་ལས་སྐྱོབས་ཕྱིར་ཕེབས་པའི་སྐར་མ་དེ་རེད། དོན་འགྲུབ་པའི་ཉིན་མོ་འདི་ནི་གནམ་ལ་སྐར་ཚོགས་བཀྲ་བཞིན་ས་ལ་ལོ་འདབ་རྒྱས་པའི་ཉིན་དེ་རེད། ཁྱེད་ཀྱིས་ཅི་བསམ་དོན་ཀུན་འགྲུབ་ནས་ཕན་བརླབས་ཀྱིས་དར་ཅོག་རང་རེའི་མི་བུ་དག་གི་མདུན་དུ་སྒྲེངས་ནས། ཞི་བདེའི་རླུང་བུའི་ལྡང་བཞིན་མཁའ་དབྱིངས་ཀྱི་ཆུ་འཛིན་ལ་ལྟར་ཕྱོགས་བཞིར་བསྐྱོད་པའི་སྨོན་འདུན་གྲངས་མེད་ཀྱི་ཁ་བཏགས་དཀར་བོས་རྒྱན་ནོ།། 2013-01-26 持明 仁增塔欽

དེ་རིང་དགེ་སྒྲུབ་བཀྲ་ཤིས་ཉིན། །སྐྱེ་སྐར་དགེ་བའི་དུས་བཟང་འདི། 2013-01-26 持明 仁增塔欽

  དེ་རིང་དགེ་སྒྲུབ་བཀྲ་ཤིས་ཉིན། །སྐྱེ་སྐར་དགེ་བའི་དུས་བཟང་འདི། །འཛམ་གླིང་ཀུན་ནས་དགེ་ལ་འབད། །དགེ་བའི་དུས་བཟང་འཕྲོད་པ་དང་། །སྤུན་ཁྱེད་དགེ་བའི་ལས་སུ་དགེ། །མ་འོངས་དགེ་བའི་ལམ་རྒྱུད་ནས། །འགྲོ་ཁམས་དགེ་བའི་ལམ་དུ་བསྒྱུར། །བསམ་པ་དགེ་བའི་སྨོན་ལམ་འདིའི། །སྤུན་མཆོག་རིག་འཛིན་མཐར་ཕྱིན་ལ། །བཀྲ་ཤིས་སྨོན་ལམ་འདེབས་པ་ཡིན། །སྤུན་ཉལ་ཤུལ་ཆོས་འཕེལ་ནས། 2013-01-26 持明 仁增塔欽

འཇིག་རྟེན་སྐྱེ་བ་རྟེན་ཅིང་འབྲེལ་འབྱུང་ཡིན། 2013-01-26 持明 仁增塔欽

  འཇིག་རྟེན་སྐྱེ་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །རྟེན་འབྱུང་རང་བཞིན་གདོད་ནས་གྲུབ་མ་མྱོང་། །སྤུན་ཁྱེད་སྣང་བ་སྒྱུ་མའི་གྲོང་ཁྱེར་ལ། །ཡུན་རིང་གནས་པའི་ངལ་བ་བརྟེན་མི་འོས། །སྐྱེས་ནས་ད་བར་ཁྱེད་ཉིད་གང་དུ་བསྡད། །སྡོད་པའི་རྗེས་ཤུལ་ཁྱེད་ཀྱིས་ཨེ་བཙལ་ལགས། །རབ་རིབ་སེམས་ཀྱི་ངོས་སུ་འཆར་བ་ནི། །ཁྱེད་ཉིད་སྡོད་པའི་གནས་མལ་ཨེ་ཡིན་ན། །དྲི་མེད་སེམས་ཀྱི་རང་བཞིན་གང་དུ་ཡོད། །བྱང་ཆུབ་སེམས་ཀྱི་ས་བོན་ཨེ་བཏབ་ལགས། །འདི་ནི་སྤུན་ངས་སེམས་ཀྱི་འཆར་སྣང་དང་། །ཡིན་ལུགས་བཤད་ན་བདེན་དོན་དངོས་ཡིན་ནོ། །སྤུན་ངས་ཟོལ་མེད་སེམས་ཀྱིས་རྟེན་འབྱུང་ཚིག །ཁྱེད་ལ་བདག་གིས་སྐྱེས་སྐར་ཉིན་མོར་ཕུལ། །འདི་ཡིས་རྟེན་འབྱུང་རང་ཞལ་མངོན་གྱུར་ནས། །ཐེག་མཆོག་གདོད་མའི་རྒྱལ་ས་ཟིན་པར་སྨོན། ། སྟོང་ཆེན་མཁའ་དབྱིངས་སྤྲོས་ལས་ཡོངས་གྲོལ་ཀྱང་།། རྟེན་འབྱུང་སྒྱུ་མའི་སྣང་བ་མ་འགོག་པས།། །རྟེན་འབྲེལ་བཟང་པོའི་རེ་ཁ་བཀོད་པ་ཡི།།སྐྱེས་པའི་སྐར་མ་ཤར་བ་སྤྲོ་བས་རོལ།།མ་གྲུབ་བཞིན་དུ་སྣང་བའི་གྲོང་པ་རུ།།རྗེས་ཤུལ་རིང་པོར་དེད་པའི་སྲིད་པའི་མི།།གནས་མལ་ཉེར་སྤྱོད་ཙམ་ལ་དོན་གཉེར་ནས།།ཟག་བདེར་དགའ་བས་རོལ་འདི་འདོད་ཁམས་པ།།དོན་དམ་བྱང་སེམས་གཤིས་ཀྱི་སེམས་ངོར་བཞུགས།།ཀུན་རྫོབ་སྨོན་འཇུག་གང་ནུས་འགྲོ་ལ་ཕུལ།།...

ཕྱི་ལོའི་ཡར་སྔོན་ནས་མུན་པ་འོད་ཀྱིས་གཤགས་ནས། 2013-01-26 持明 仁增塔欽

  ཕྱི་ལོའི་ཡར་སྔོན་ནས་མུན་པ་འོད་ཀྱིས་གཤགས་ནས། བདེན་གཉིས་བརྡར་བའི་མེ་སྟག་ལས་འཇིག་རྟེན་འདིར་བདེན་པའི་མེ་ཁ་གསོས། མི་རབས་གོང་མས། ཤུལ་དུ་བཞད་པའི་དྲང་བདེན་དང་གནས་ལུགས་ཀྱི་ལྟ་བ། སྤོབས་སེམས་དང་ལ་རྒྱས་འདུན་དུ་བསུས་བའི་ མི་རབས་ཀྱི་རྗེས་འཛིན་པ། དེ་རིང་དུང་ཟླ་ངས ཀོ་ཇོའི་མི་རབས་འཚབ་བྱས་ནས་ སྐྱེ་སྐར་ལ་རྟེན་འབྲེལ་ཞུ་བ་དང་ཆབ་ཅིག། སྐུ་གཟུགས་བདེ་ཐང་དང་ཐུགས་ཀྱི་བཞེད་དོན་ཡིད་བཞིན་འགྲུབ་པར་སྨོན། ཤར་དུང་ཟླ་ནས། 2013-01-26 持明 仁增塔欽

དམ་ཆོས་ཟབ་མོ་དབུ་མའི་པཎ་ཆེན་ཆོས་ཀྱི་སྙིང་པོའི་གནས་ལ་མཁས།། 2013-01-24 持明 仁增塔欽

  དམ་ཆོས་ཟབ་མོ་དབུ་མའི་པཎ་ཆེན་ཆོས་ཀྱི་སྙིང་པོའི་གནས་ལ་མཁས།།འཛམ་གླིང་མི་ཡི་འཚོ་སྟངས་ཤེས་ལ་སྤྱི་ཚོགས་གསར་པའི་བློ་མིག་ལྡན།།གནའ་ད་རིག་པའི་ཤེས་རབ་ཀློང་རྡོལ་མཐའ་ལ་མ་ལྷུང་དཔའ་བོ་འདི།།གངས་མིས་སློབ་དཔོན་ཆེན་པོར་བསྟེན་ན་ཕྱོགས་འཛིན་འཇིག་པའི་དགེ་མཚན་ལྡན།། བིདྱཱ་དྷརཱནྟཀས་སོ།། 2013-01-24 持明 仁增塔欽

དུས་རབས་དང་མཐུན་པའི་ཟབ་ཆོས་སྨྲ་ལ་ལུང་རིག་སྟོང་གི་གཟི་བརྗིད་ལྡན་ལ། 2013-01-24 持明 仁增塔欽

  དུས་རབས་དང་མཐུན་པའི་ཟབ་ཆོས་སྨྲ་ལ་ལུང་རིག་སྟོང་གི་གཟི་བརྗིད་ལྡན་ལ།དུས་རབས་དང་མཐུན་པའི་བསམ་བློའི་གཏམ་གྱིས་འཁྲེག་བཟུང་ཕྱོགས་ལྷུང་གི་གུ་དོག་གཏོར།དུས་རབས་དང་མཐུན་པའི་ལོ་རྒྱུས་གསར་པའི་བདེན་བཤད་ཀྱིས་ས་སྒང་རྒྱལ་ཁམས་ཀྱི་འཕོ་འགྱུར་གསུང་།དུས་རབས་དང་མཐུན་པའི་གནའ་ད་རིག་པའི་གོ་རྟོགས་སད་ལ་བོད་འཕེལ་འགྱུར་གྱི་ལམ་སྟོན་མཛད།དུས་རབས་དང་མཐུན་པའི་ཀླུ་སྒྲུབ་དགོངས་རྒྱན་སོགས་ལུང་རྟོགས་ཆོས་ཀྱིས་སེམས་ཀྱི་ལྟ་བ་བཤད་ལ་དུས་རབས་དང་ཐུན་པའི་དེབ་ཐེར་དཀར་པོ་སོགས་ཀྱིས་འགྲོ་བའི་རྒྱུད་ལམ་གསུང་།ཨེ་མ་ཆོས་དང་སྤྱི་ཚོགས་སོགས་སེམས་ཀྱི་ཡུལ་དང་ལུས་ངག་གི་ཡུལ་དུ་གྱུར་པ་རྗེན་པར་འགལ་མེད་དུ་གསུང་བའི་རླབས་ཆེན་གྱི་བསམ་བློ་པ་ཁྱེད་ངའི་སྔོན་གྱི་དུས་རབས་འདིའི་ཁ་ཕྱོགས་བསྟན་པའི་གསར་བརྗེ་པའམ་སློབ་དཔོན་ཆེན་པོ་ཡིན་ནོ།། 2013-01-24 持明 仁增塔欽