དུས་རབས་དང་མཐུན་པའི་ཟབ་ཆོས་སྨྲ་ལ་ལུང་རིག་སྟོང་གི་གཟི་བརྗིད་ལྡན་ལ།དུས་རབས་དང་མཐུན་པའི་བསམ་བློའི་གཏམ་གྱིས་འཁྲེག་བཟུང་ཕྱོགས་ལྷུང་གི་གུ་དོག་གཏོར།དུས་རབས་དང་མཐུན་པའི་ལོ་རྒྱུས་གསར་པའི་བདེན་བཤད་ཀྱིས་ས་སྒང་རྒྱལ་ཁམས་ཀྱི་འཕོ་འགྱུར་གསུང་།དུས་རབས་དང་མཐུན་པའི་གནའ་ད་རིག་པའི་གོ་རྟོགས་སད་ལ་བོད་འཕེལ་འགྱུར་གྱི་ལམ་སྟོན་མཛད།དུས་རབས་དང་མཐུན་པའི་ཀླུ་སྒྲུབ་དགོངས་རྒྱན་སོགས་ལུང་རྟོགས་ཆོས་ཀྱིས་སེམས་ཀྱི་ལྟ་བ་བཤད་ལ་དུས་རབས་དང་ཐུན་པའི་དེབ་ཐེར་དཀར་པོ་སོགས་ཀྱིས་འགྲོ་བའི་རྒྱུད་ལམ་གསུང་།ཨེ་མ་ཆོས་དང་སྤྱི་ཚོགས་སོགས་སེམས་ཀྱི་ཡུལ་དང་ལུས་ངག་གི་ཡུལ་དུ་གྱུར་པ་རྗེན་པར་འགལ་མེད་དུ་གསུང་བའི་རླབས་ཆེན་གྱི་བསམ་བློ་པ་ཁྱེད་ངའི་སྔོན་གྱི་དུས་རབས་འདིའི་ཁ་ཕྱོགས་བསྟན་པའི་གསར་བརྗེ་པའམ་སློབ་དཔོན་ཆེན་པོ་ཡིན་ནོ།།
2013-01-24 持明 仁增塔欽

留言
張貼留言