2013-01-29 持明 仁增塔欽སྤུན་དམ་པ་རྫོགས་ཆེན་ཆོས་དགའ་དང་སྨན་སྤྲུལ་དགེ་གྲགས་ཀྱི་ཐུགས་བསྐྱེད་ལས་བྱུང་བའི་རེག་དུག་སྔོན་འགོག་སྐོར་གྱི་དེབ་འདི་སྔ་ཕྱིར་མང་པོར་པར་ནས་བོད་ཁུལ་ས་གནས་མང་པོ་ལ་བཏང་བཞིན་པ་འདི་ལ་རྗེས་སུ་ཡིད་རངས་ཞུ།
སྤུན་དམ་པ་རྫོགས་ཆེན་ཆོས་དགའ་དང་སྨན་སྤྲུལ་དགེ་གྲགས་ཀྱི་ཐུགས་བསྐྱེད་ལས་བྱུང་བའི་རེག་དུག་སྔོན་འགོག་སྐོར་གྱི་དེབ་འདི་སྔ་ཕྱིར་མང་པོར་པར་ནས་བོད་ཁུལ་ས་གནས་མང་པོ་ལ་བཏང་བཞིན་པ་འདི་ལ་རྗེས་སུ་ཡིད་རངས་ཞུ། དེ་རིང་ནུས་འཇོམས་དུག་སྲིན་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས་ཀྱི་དེབ་ཆུང་འདི་ཚར་ཁྲི་ལྔ་པར་ཟིན་པ་རེད། ད་ཐེངས་ལོ་གསར་རན་པའི་དབང་གིས་ཕར་ཚུར་ཅ་ལག་བསྐུར་སའི་ལས་ཁུང་རྣམས་སྒོ་རྒྱབ་འདུག་པས། ལོ་གསར་སྔོན་ལ་བསྐུར་ཐབས་མི་འདུག་པས་ལོ་གསར་རྗེས་སུ་ཡུལ་ཕྱོགས་སོ་སོར་དགོས་མཁན་རྣམས་ཀྱིས་ང་ལ་འབྲེལ་བ་གནང་དང་ངས་བསྐུར་ཡོང་ལགས།
2013-01-29 持明 仁增塔欽
留言
張貼留言