🌈 持明石刻大藏經佛塔及石刻佛像群美景分享.pdf🔗 རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ངོ་སྤྲོད་མདོར་བསྡུས། རིགས་རུས། ཕ་རུས་རྒྱ་ཀོང་དང་སྐུ་ཚ། རྒྱ་ཀོང་དཔོན་སློབ་བཞི་བའི་དབོན་པོའི་བརྒྱུད་པ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་སྤུན་མཆེད་རྒྱ་ཀོང་དཔལ་ལྡན་གྱི་སྲས་རྫོགས་ཆེན་ཕྱག་མཛོད་ཆེན་མོ་རྒྱ་ཀོང་རྣམ་གྲོལ་གྱི་བུ་རྒྱ་ཀོང་ཐུབ་བསྟན་ཟླ་བ་ནི་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ཕ་ཡབ་རེད། རྫོགས་ཆེན་ལྔ་བའི་ལྕམ་སྲིང་མ་པདྨ་ལྷ་སྒྲོན་གྱི་བརྒྱུད་པ་བསོད་ནམས་དབང་མོའི་བུ་མོ་ཕྲིན་ལས་ཆོས་སྒྲོན་ནི་ཐུབ་བསྟན་ཟླ་བའི་མ་རེད། མ་རུས་འབྲོག་རུ་ཨ་ཝོ་ཚང་གི་མཁན་པོ་ཕུར་བའི་རྣལ་འབྱོར་ཆེན་མོའི་ལྕམ་སྲིང་མ་མར་མ་དང་། འབྲུག་ཡབ་ཀྱི་རྒྱུད་པ་མོ་ཡག་གི་བུ་མོ་འཇམ་དབྱངས་ཆོས་སྒྲོན་ནི་མ་ཡུམ་རེད། སློབ་སྦྱོང་། 🔗持明仁增塔欽 ལོ་བདུན་ནས་ཀློག་རང་སྦྱོང་བྱས་པར་རིག་པ་རྣོ་ཞེས་གྲོང་མི་ཚོའི་བསྔགས་བརྗོད་མོད། རྫོགས་ཆེན་བླ་སྤྲུལ་རྣམས་ལས་ཀུན་བཟང་ཞལ་ལུང་། ཞི་ཁྲོ་དང་ཐོས་གྲོལ་སོགས་དབང་སྣ་མང་ཐོབ། རྫོཊ་དགོན་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བྱང་འདྲེན་མཛད། སི་བོད་སྡེ་དགེ་རྫོགས་ཆེན་སློབ་གྲྭ་དང་། ཤྲཱི་སེང་ཆོས་གྲྭ་ཆེན་མོ། ཕུག་ཁང་བཤད་གྲྭ་སོགས་སུ...