跳到主要內容

持明石刻大藏經佛塔及石刻佛像群美景分享

🌈 持明石刻大藏經佛塔及石刻佛像群美景分享.pdf🔗

རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ངོ་སྤྲོད་མདོར་བསྡུས།




རིགས་རུས།


ཕ་རུས་རྒྱ་ཀོང་དང་སྐུ་ཚ། རྒྱ་ཀོང་དཔོན་སློབ་བཞི་བའི་དབོན་པོའི་བརྒྱུད་པ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་སྤུན་མཆེད་རྒྱ་ཀོང་དཔལ་ལྡན་གྱི་སྲས་རྫོགས་ཆེན་ཕྱག་མཛོད་ཆེན་མོ་རྒྱ་ཀོང་རྣམ་གྲོལ་གྱི་བུ་རྒྱ་ཀོང་ཐུབ་བསྟན་ཟླ་བ་ནི་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ཕ་ཡབ་རེད། རྫོགས་ཆེན་ལྔ་བའི་ལྕམ་སྲིང་མ་པདྨ་ལྷ་སྒྲོན་གྱི་བརྒྱུད་པ་བསོད་ནམས་དབང་མོའི་བུ་མོ་ཕྲིན་ལས་ཆོས་སྒྲོན་ནི་ཐུབ་བསྟན་ཟླ་བའི་མ་རེད། མ་རུས་འབྲོག་རུ་ཨ་ཝོ་ཚང་གི་མཁན་པོ་ཕུར་བའི་རྣལ་འབྱོར་ཆེན་མོའི་ལྕམ་སྲིང་མ་མར་མ་དང་། འབྲུག་ཡབ་ཀྱི་རྒྱུད་པ་མོ་ཡག་གི་བུ་མོ་འཇམ་དབྱངས་ཆོས་སྒྲོན་ནི་མ་ཡུམ་རེད།


སློབ་སྦྱོང་།🔗持明仁增塔欽


ལོ་བདུན་ནས་ཀློག་རང་སྦྱོང་བྱས་པར་རིག་པ་རྣོ་ཞེས་གྲོང་མི་ཚོའི་བསྔགས་བརྗོད་མོད། རྫོགས་ཆེན་བླ་སྤྲུལ་རྣམས་ལས་ཀུན་བཟང་ཞལ་ལུང་། ཞི་ཁྲོ་དང་ཐོས་གྲོལ་སོགས་དབང་སྣ་མང་ཐོབ། རྫོཊ་དགོན་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བྱང་འདྲེན་མཛད། སི་བོད་སྡེ་དགེ་རྫོགས་ཆེན་སློབ་གྲྭ་དང་། ཤྲཱི་སེང་ཆོས་གྲྭ་ཆེན་མོ། ཕུག་ཁང་བཤད་གྲྭ་སོགས་སུ་དགེ་བའི་བཤེས་གཉེན་མཁན་པོ་འོད་ཟེར།མཁན་ཆེན་པདྨ་ཚེ་དབང་། མཁན་ཆེན་ཟླ་ཟེར། མཁན་ཐུབ་བསྟན་རྣམ་རྒྱལ། མཁན་ཆོས་གྲགས། མཁན་པོ་ཚེ་རིང་ཉི་མ།མཁན་པོ་དབང་ལོ་སོགས་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཏེ་རིག་གནས་དང་དབུ་ཕལ་འདུལ་མངོན་ཚད་མ་སོགས་མདོའི་སྐོར་གྱི་གཞུང་ཆེན་ཁག་དང་། བརྒྱུད་གསང་སྙིང་སོགས་སྔགས་ཀྱི་ཆོས་ཚན་ཐོས་བསམ་མཛད། ཁྱད་པར་དགེ་རྒྱལ་མཁན་ཆེན་གྱིས་ཁོང་ལ་དགེ་རྒྱལ་དང་ཤྲཱི་སེང་ནས་ཆིག་བརྒྱུད་དུ་རྫོགས་ཆེན་བརྒྱུད་པ་གསུངས་ནས་གདམས་ངག་ཕྱག་སྟར་མ་ཞིག་ཀྱང་གནང་། ཤྲཱི་སེང་ཆོས་གྲྭ་ཆེན་མོ་ལས་སློབ་མཐར་ཕྱིན་པའི་ལག་ཁྱེར་ནོད།


གདམས་ངག་མནོས་པ།


ཐུན་མིན་བླ་མ་ཨ་འཛོམ་འབྲུག་པ་རྡོ་རྗེ་འཆང་༧ཐུབ་བསྟན་པདྨ་ཕྲིན་ལས་རིགས་བདག་ཏུ་བསྙེན་ནས་སྔོན་འགྲོ་བློ་སྦྱོང་ནས་དངོས་གཞི་རྫོགས་ཆེན་སྙན་བརྒྱུད་ཀྱི་ཟབ་ཁྲིད་ལམ་ཁྱེར་རྩ་རླུང་དང་བཅས་པ་དང། འབྲུག་རྒན་ཡབ་སྲས་ཀྱི་གདམས་པ།མཛོད་བདུན། འཇིཊ་གླིང་པོད་དགུ། ཡ་བཞི། རྒྱུད་འབུམ་སྐོར་གྱི་དབང་ལུང་དང་དཔལ་སྤྲུལ་གསུང་འབུམ་དང་མི་ཕམ་གསུང་འབུམ་སོགས་དབང་ཁྲིད་ལུང་ཡོངས་རྫོགས་མནོས། གཤིན་རྗེ་སྒྲུབ་ཕུགནགས་ཆུང་མ་སོགས་བྱིན་རིའི་ངོགས་སུ་བླ་མའི་བཀའ་ལྟར་ལོ་ཟླར་མཚམས་ལ་བསྡད་དེ་ཕྱིས་སུ་བླ་མ་ཨ་འཛོམ་རྗེ་ལ་རྟོགས་རྒྱུགས་ཕུལ་བས་ཐུགས་མཉེས། བཀའ་ཤོག་ཕྱག་བསྟར་མ་གནང་ཞིང་སློབ་མ་རྗེས་འཛིན་གྱི་བཀའ་གནང་བའང་ཐོབ།


བྱ་བྲལ་སངས་རྒྱས་རྡོ་རྗེས་གྲུབ་དབང་ལྔ་བའི་མཁའ་འགྲོ་སྙིང་ཐིག་དང་། རྗེ་ཨ་འཛོམ་པའི་མྱུར་འབྱོན་གསོལ་འདེབས་གནང་མཛད་པ་སོགས་སོ།


སློབ་མ་བསྐྱངས་བ།


ལས་སྨོན་ཡོད་པའི་སློབ་མ་ལ་སྔོན་འགྲོ་ཀུན་བཟང་ཞལ་ལུང་ཞིབ་འཆད་ཚར་མང་བྱས་ཏེ་འབུམ་ལྔ་ཆ་ཚང་བཞག་བཅུག ལོ་མང་སྤྱོད་འཇུག་ཚར་གྲངས།དྭགས་པོའི་ཐར་རྒྱན། ལམ་རིམ། ཡིད་མཛོད་ཐེག་དགུའི་རྣམ་བཞག དབུ་ཕར་བསྡུས་དོན། སྔགས་ཀྱི་དམ་ཚིག་སྐོར། ཐར་ལམ་གསལ་སྒྲོན། ཤེས་རབ་ལེའུ་རྒྱས་བཤད། ཆོས་དང་ཚན་རིག་གི་འགལ་འབྲེལ། སེམས་ཆོས་འཚོ་བར་བའི་འབེལ་གཏམ་སོགས་སློབ་མའི་རྒྱུད་དང་མཐུན་པར་བཤད། དྲྭ་ལམ་ནས་བོད་སྐད་ཀྱིས་ཆོས་རིག་མང་པོ་དང། རྒྱ་ཡིག་ཐོག་ཏུ་སྙིང་གི་བདུད་རྩི་སོགས་དེབ་ཆེ་ཆུང་བཞི་བཅུ་ལ་ཉེ་བ། གཞན་ཐར་ལམ་གསལ་སྒྲོན། བླ་མའི་རྣམ་ཐར།ཚོཊ་འཁོར། ཞིབ་མོ་རྣམ་འཐག སྤྱོད་འཇུག ཀུན་སྨོན། གཤོག་རླབས་སོགས་བསྒྱུར།


བོད་དེབ་ལེགས་སྦྱར་བདུད་རྩི་འི་ཟེགས་མ་དང་།ལུགས་གཉིས་སློབ་གསོའི་མེ་ལོང་། མི་རྟག་དྲན་ཤེས། རིག་བཅུའི་རྣམ་བཞག  ཧི་མ་རིའི་གདོད་སྤྲེལ།ཆོས་ལུགས་ཁག་གི་གཞི་ལམ་འབྲས་དཔྱད། རྗེ་ཨ་འཛོམས་བླ་མའི་རྣམ་ཐར། རྗེ་ལྔ་བའི་སྙིང་ཐིག་གི་འགྲེལ་བ། ཕུར་སྒྲུབ་སོགས་ཆོས་རིག་གི་རྩོམ་ཆོས་མོད།


རོགས་དོན།


གཞོན་ནུའི་ཚོཊ་ཀྱི་དགེན་བྱས། ཕྱི་ནང་གི་ས་གནས་ཀྱི་བཤད་གྲྭ་དང་སློབ་གྲྭ་ལ་ཆོས་དང་སྨན་སློབ་པའི་སློབ་མ་གཏོང་ནས་རྒྱ་བོད་ཀྱི་ཆེད་ལས་མི་སྣ་འགའ་ཡང་བསྐྱེད་བསིངས།


སྨན་སྦྱིན་ཁང་དང་། བཤད་གྲྭ་གཉིས་དང་། སྒྲུབ་གྲྭ་གཉིས་སོགས་ལ་བཤད་སྒྲུབ་འཆད་སྒོམ་གྱི་རྟེན་རྩ་ཕུལ། ས་འགུལ་གྱིས་ཉེན་པའི་དྭ་ཕྲུག་ཁྱུ་ལ་ལོ་མང་རོགས་དང་། རྒྱུན་དུ་འཚོ་བའི་ཁྲོད་ནས་ནད་པ་དང་དབུལ་པོ་ལ་ནུས་ཚོད་ཀྱིས་རོགས་དང་། སློབ་གྲྭ་དང་སློབ་མ་ལའང་ཅི་རིགས་རོགས་དོན་མཛད།


རྟེན་བཞེངས།


སྔགས་པའི་འདུ་ཁང་བཞེངས། བསམ་ཡས་སུ་མཁན་སློབ་ཆོས་གསུམ། མི་ཕམ་སྒྲུབ་གནས་འོད་གསལ་ཕུག་ཏུ་མཚམས་ཁང་དང་ཀློང་ཆེན་ཡབ་སྲས་སྐུ་རྟེན། རྒྱལ་བཀའ་རིན་པོ་ཆེ། རྒྱལ་བུ་མྱུ་གུའི་གདན་སར་རྗེ་གང་གི་སྐུ་རྟེན། རྡོ་གྲུབ་གདན་ས་ལ་རྡོ་གྲུབ་སྐུ་རྟེན་སོགས་གནས་ཆེན་ཁག་ལ་སྐུ་གསུང་ཐུགས་རྟེན་བཞེངས།་


ཁྱད་པར་རྫོགས་ཆེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྲོལ་རྒྱུན་རྡོ་བརྐོས་སྒྱུ་རྩལ་གྱི་ལམ་ནས་ལོ་མང་ལ་འབད། ཕྱིས་སུ་སྤོས་ལྡན་དུ་འཕྲུལ་ཆས་རྡོ་བརྐོས་ཀྱི་སྒྱུ་རྩལ་གསར་གཏོད་བྱས་ཏེ་དག་ལ་ཚང་བ་ཚར་གཅིག་རྡོ་ལ་བརྐོས་ནས་རྡོ་མཁར་ཚོགས་ཆེན་སྤྲིན་གྱི་ཞིང་ས་མཆོད་རྟེན་བཅས་རྫོགས་ཆེན་སྡེ་དགོན་གྱི་བྱང་ཕྱོགས་ལམ་ཆེན་འགྲམ་ལ་བཞེངས།


གེ་སར་རྒྱལ་པོའི་བྱིན་གནས་སྒྲུབ་ཆུ་ཉག་ལ་གེ་སར་དང་སྒྲོལ་མ་རྡོ་བརྐོས་འབུར་ཟབ་བརྐོས་ཏེ་དགོན་དཔོན་དང་སྡེ་འབངས་བཅས་བསྐུལ་ཏེ་གནས་རི་སྲུང་བ་དང་།


གཞན་རྡོ་སྐུ་བཟོ་མཁན་གསར་དུ་བསྐྱེད་བསིངས་ཏེ་གནས་བཟང་ཞབས་ཆུང་རི་ལུང་ལ་ཕ་བོང་ཆེན་པོའི་ངོས་སུ་ཁང་བརྩེགས་གཅིག་ནས་བདུན་ཅན་གྱི་བདེ་གཤེགས་བརྒྱད། བྱང་སེམས་ཉེར་བརྒྱད།སྒྲོལ་མ། ཞི་ཁྲོ། བདེ་གཤེགས་སོ་ལྔ་སོགས་ཀྱི་བྲག་རྡོའི་འབུར་སྐུ་མང་པོ་དང།  གཟུངས་སྔགས་སྣ་ཚོགས་ཀྱི་བྲག་འབུར་མང་ལ་མཛེས་པ་མང་པོ་བརྐོས་ཧེ་ལྷ་སྐུའི་གླིང་ཁ་གནམ་སའི་བར་གྱི་མཆོད་དགོན་ཟེར་བ་ཞིག་ཏུ་བསྒྱུར།


ཕ་ཡུལ་གྱི་སྒྲུབ་ཕུག་ཁག་ཞིག་གསོ་བྱས། ཁམས་རྫོགས་ཆེན་དགོན་དུ་གེ་སར་ལི་སྐུ་ཐོག་བརྩེགས་གསུམ་ཅན་བཞེངས།


རྒྱུན་དུ་བོད་རིག་པ་ཆོས་བཅས་འཆད་རྩོམ་ཡིག་བསྒྱུར་སོགས་ཀྱིས་སློབ་མ་སྐྱོང་བ་དང་། ཚེ་ཐར་སྲོག་བླུ་བྱེད་པར་དགའ་བ། ཉིན་ལྟར་བླ་མ་དྲན་པའི་ཉམས་ལེན་ལ་འབད་པས་བསྟན་འགྲོའི་བདེ་དོན་ལ་ནུས་པ་ཕུལ་བཞིན་ཡོད།


ཁོང་ནི་དྲིན་ཤེས་དང་། སྙིང་ཁམས་ལྡན་པའི་བོད་ཁམས་པའི་མྱི་དཀྱུས་མ་ཞེས་རང་གི་ལྟ་བ་གཞན་དྲིང་མེད་པར་འཁྱོངས་བ་ལ་དགའ་ཞིང་། གཞན་ལ་བར་མ་ཆད་པས་ཆོས་དང་རིག་གཞུང་འཆད་སྤེལ་དང་།རྩོམ་དང་སློབ་གསོ་སོགས་ཅི་ཐུབ་གང་ཐུབ་བྱེད་མཁན་ཞིག་རེད།


གསལ་པོར་ཤེས་འདོད་ན་ཁོང་གིས་བཤད་པའི་ཤེར་ལེའུ་དེབ་ཀྱི་དབུ་ཕྱོགས་ལ་གཟིགས་ན་འཐུས


རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ངོ་སྤྲོད་མདོར་བསྡུས།


རིགས་རུས།


ཕ་རུས་རྒྱ་ཀོང་དང་སྐུ་ཚ། རྒྱ་ཀོང་དཔོན་སློབ་བཞི་བའི་དབོན་པོའི་བརྒྱུད་པ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་སྤུན་མཆེད་རྒྱ་ཀོང་དཔལ་ལྡན་གྱི་སྲས་རྫོགས་ཆེན་ཕྱག་མཛོད་ཆེན་མོ་རྒྱ་ཀོང་རྣམ་གྲོལ་གྱི་བུ་རྒྱ་ཀོང་ཐུབ་བསྟན་ཟླ་བ་ནི་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་ཕ་ཡབ་རེད། རྫོགས་ཆེན་ལྔ་བའི་ལྕམ་སྲིང་མ་པདྨ་ལྷ་སྒྲོན་གྱི་བརྒྱུད་པ་བསོད་ནམས་དབང་མོའི་བུ་མོ་ཕྲིན་ལས་ཆོས་སྒྲོན་ནི་ཐུབ་བསྟན་ཟླ་བའི་མ་རེད། མ་རུས་འབྲོག་རུ་ཨ་ཝོ་ཚང་གི་མཁན་པོ་ཕུར་བའི་རྣལ་འབྱོར་ཆེན་མོའི་ལྕམ་སྲིང་མ་མར་མ་དང་། འབྲུག་ཡབ་ཀྱི་རྒྱུད་པ་མོ་ཡག་གི་བུ་མོ་འཇམ་དབྱངས་ཆོས་སྒྲོན་ནི་མ་ཡུམ་རེད།


སློབ་སྦྱོང་།


ལོ་བདུན་ནས་ཀློག་རང་སྦྱོང་བྱས་པར་རིག་པ་རྣོ་ཞེས་གྲོང་མི་ཚོའི་བསྔགས་བརྗོད་མོད། རྫོགས་ཆེན་བླ་སྤྲུལ་རྣམས་ལས་ཀུན་བཟང་ཞལ་ལུང་། ཞི་ཁྲོ་དང་ཐོས་གྲོལ་སོགས་དབང་སྣ་མང་ཐོབ། རྫོཊ་དགོན་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བྱང་འདྲེན་མཛད། སི་བོད་སྡེ་དགེ་རྫོགས་ཆེན་སློབ་གྲྭ་དང་། ཤྲཱི་སེང་ཆོས་གྲྭ་ཆེན་མོ། ཕུག་ཁང་བཤད་གྲྭ་སོགས་སུ་དགེ་བའི་བཤེས་གཉེན་མཁན་པོ་འོད་ཟེར།མཁན་ཆེན་པདྨ་ཚེ་དབང་། མཁན་ཆེན་ཟླ་ཟེར། མཁན་ཐུབ་བསྟན་རྣམ་རྒྱལ། མཁན་ཆོས་གྲགས། མཁན་པོ་ཚེ་རིང་ཉི་མ།མཁན་པོ་དབང་ལོ་སོགས་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཏེ་རིག་གནས་དང་དབུ་ཕལ་འདུལ་མངོན་ཚད་མ་སོགས་མདོའི་སྐོར་གྱི་གཞུང་ཆེན་ཁག་དང་། བརྒྱུད་གསང་སྙིང་སོགས་སྔགས་ཀྱི་ཆོས་ཚན་ཐོས་བསམ་མཛད། ཁྱད་པར་དགེ་རྒྱལ་མཁན་ཆེན་གྱིས་ཁོང་ལ་དགེ་རྒྱལ་དང་ཤྲཱི་སེང་ནས་ཆིག་བརྒྱུད་དུ་རྫོགས་ཆེན་བརྒྱུད་པ་གསུངས་ནས་གདམས་ངག་ཕྱག་སྟར་མ་ཞིག་ཀྱང་གནང་། ཤྲཱི་སེང་ཆོས་གྲྭ་ཆེན་མོ་ལས་སློབ་མཐར་ཕྱིན་པའི་ལག་ཁྱེར་ནོད།


གདམས་ངག་མནོས་པ།


ཐུན་མིན་བླ་མ་ཨ་འཛོམ་འབྲུག་པ་རྡོ་རྗེ་འཆང་༧ཐུབ་བསྟན་པདྨ་ཕྲིན་ལས་རིགས་བདག་ཏུ་བསྙེན་ནས་སྔོན་འགྲོ་བློ་སྦྱོང་ནས་དངོས་གཞི་རྫོགས་ཆེན་སྙན་བརྒྱུད་ཀྱི་ཟབ་ཁྲིད་ལམ་ཁྱེར་རྩ་རླུང་དང་བཅས་པ་དང། འབྲུག་རྒན་ཡབ་སྲས་ཀྱི་གདམས་པ།མཛོད་བདུན། འཇིཊ་གླིང་པོད་དགུ། ཡ་བཞི། རྒྱུད་འབུམ་སྐོར་གྱི་དབང་ལུང་དང་དཔལ་སྤྲུལ་གསུང་འབུམ་དང་མི་ཕམ་གསུང་འབུམ་སོགས་དབང་ཁྲིད་ལུང་ཡོངས་རྫོགས་མནོས། གཤིན་རྗེ་སྒྲུབ་ཕུགནགས་ཆུང་མ་སོགས་བྱིན་རིའི་ངོགས་སུ་བླ་མའི་བཀའ་ལྟར་ལོ་ཟླར་མཚམས་ལ་བསྡད་དེ་ཕྱིས་སུ་བླ་མ་ཨ་འཛོམ་རྗེ་ལ་རྟོགས་རྒྱུགས་ཕུལ་བས་ཐུགས་མཉེས། བཀའ་ཤོག་ཕྱག་བསྟར་མ་གནང་ཞིང་སློབ་མ་རྗེས་འཛིན་གྱི་བཀའ་གནང་བའང་ཐོབ།


བྱ་བྲལ་སངས་རྒྱས་རྡོ་རྗེས་གྲུབ་དབང་ལྔ་བའི་མཁའ་འགྲོ་སྙིང་ཐིག་དང་། རྗེ་ཨ་འཛོམ་པའི་མྱུར་འབྱོན་གསོལ་འདེབས་གནང་མཛད་པ་སོགས་སོ།


སློབ་མ་བསྐྱངས་བ།


ལས་སྨོན་ཡོད་པའི་སློབ་མ་ལ་སྔོན་འགྲོ་ཀུན་བཟང་ཞལ་ལུང་ཞིབ་འཆད་ཚར་མང་བྱས་ཏེ་འབུམ་ལྔ་ཆ་ཚང་བཞག་བཅུག ལོ་མང་སྤྱོད་འཇུག་ཚར་གྲངས།དྭགས་པོའི་ཐར་རྒྱན། ལམ་རིམ། ཡིད་མཛོད་ཐེག་དགུའི་རྣམ་བཞག དབུ་ཕར་བསྡུས་དོན། སྔགས་ཀྱི་དམ་ཚིག་སྐོར། ཐར་ལམ་གསལ་སྒྲོན། ཤེས་རབ་ལེའུ་རྒྱས་བཤད། ཆོས་དང་ཚན་རིག་གི་འགལ་འབྲེལ། སེམས་ཆོས་འཚོ་བར་བའི་འབེལ་གཏམ་སོགས་སློབ་མའི་རྒྱུད་དང་མཐུན་པར་བཤད། དྲྭ་ལམ་ནས་བོད་སྐད་ཀྱིས་ཆོས་རིག་མང་པོ་དང། རྒྱ་ཡིག་ཐོག་ཏུ་སྙིང་གི་བདུད་རྩི་སོགས་དེབ་ཆེ་ཆུང་བཞི་བཅུ་ལ་ཉེ་བ། གཞན་ཐར་ལམ་གསལ་སྒྲོན། བླ་མའི་རྣམ་ཐར།ཚོཊ་འཁོར། ཞིབ་མོ་རྣམ་འཐག སྤྱོད་འཇུག ཀུན་སྨོན། གཤོག་རླབས་སོགས་བསྒྱུར།


བོད་དེབ་ལེགས་སྦྱར་བདུད་རྩི་འི་ཟེགས་མ་དང་།ལུགས་གཉིས་སློབ་གསོའི་མེ་ལོང་། མི་རྟག་དྲན་ཤེས། རིག་བཅུའི་རྣམ་བཞག  ཧི་མ་རིའི་གདོད་སྤྲེལ།ཆོས་ལུགས་ཁག་གི་གཞི་ལམ་འབྲས་དཔྱད། རྗེ་ཨ་འཛོམས་བླ་མའི་རྣམ་ཐར། རྗེ་ལྔ་བའི་སྙིང་ཐིག་གི་འགྲེལ་བ། ཕུར་སྒྲུབ་སོགས་ཆོས་རིག་གི་རྩོམ་ཆོས་མོད།


རོགས་དོན།


གཞོན་ནུའི་ཚོཊ་ཀྱི་དགེན་བྱས། ཕྱི་ནང་གི་ས་གནས་ཀྱི་བཤད་གྲྭ་དང་སློབ་གྲྭ་ལ་ཆོས་དང་སྨན་སློབ་པའི་སློབ་མ་གཏོང་ནས་རྒྱ་བོད་ཀྱི་ཆེད་ལས་མི་སྣ་འགའ་ཡང་བསྐྱེད་བསིངས།


སྨན་སྦྱིན་ཁང་དང་། བཤད་གྲྭ་གཉིས་དང་། སྒྲུབ་གྲྭ་གཉིས་སོགས་ལ་བཤད་སྒྲུབ་འཆད་སྒོམ་གྱི་རྟེན་རྩ་ཕུལ། ས་འགུལ་གྱིས་ཉེན་པའི་དྭ་ཕྲུག་ཁྱུ་ལ་ལོ་མང་རོགས་དང་། རྒྱུན་དུ་འཚོ་བའི་ཁྲོད་ནས་ནད་པ་དང་དབུལ་པོ་ལ་ནུས་ཚོད་ཀྱིས་རོགས་དང་། སློབ་གྲྭ་དང་སློབ་མ་ལའང་ཅི་རིགས་རོགས་དོན་མཛད།


རྟེན་བཞེངས།


སྔགས་པའི་འདུ་ཁང་བཞེངས། བསམ་ཡས་སུ་མཁན་སློབ་ཆོས་གསུམ། མི་ཕམ་སྒྲུབ་གནས་འོད་གསལ་ཕུག་ཏུ་མཚམས་ཁང་དང་ཀློང་ཆེན་ཡབ་སྲས་སྐུ་རྟེན། རྒྱལ་བཀའ་རིན་པོ་ཆེ། རྒྱལ་བུ་མྱུ་གུའི་གདན་སར་རྗེ་གང་གི་སྐུ་རྟེན། རྡོ་གྲུབ་གདན་ས་ལ་རྡོ་གྲུབ་སྐུ་རྟེན་སོགས་གནས་ཆེན་ཁག་ལ་སྐུ་གསུང་ཐུགས་རྟེན་བཞེངས།་


ཁྱད་པར་རྫོགས་ཆེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྲོལ་རྒྱུན་རྡོ་བརྐོས་སྒྱུ་རྩལ་གྱི་ལམ་ནས་ལོ་མང་ལ་འབད། ཕྱིས་སུ་སྤོས་ལྡན་དུ་འཕྲུལ་ཆས་རྡོ་བརྐོས་ཀྱི་སྒྱུ་རྩལ་གསར་གཏོད་བྱས་ཏེ་དག་ལ་ཚང་བ་ཚར་གཅིག་རྡོ་ལ་བརྐོས་ནས་རྡོ་མཁར་ཚོགས་ཆེན་སྤྲིན་གྱི་ཞིང་ས་མཆོད་རྟེན་བཅས་རྫོགས་ཆེན་སྡེ་དགོན་གྱི་བྱང་ཕྱོགས་ལམ་ཆེན་འགྲམ་ལ་བཞེངས།


གེ་སར་རྒྱལ་པོའི་བྱིན་གནས་སྒྲུབ་ཆུ་ཉག་ལ་གེ་སར་དང་སྒྲོལ་མ་རྡོ་བརྐོས་འབུར་ཟབ་བརྐོས་ཏེ་དགོན་དཔོན་དང་སྡེ་འབངས་བཅས་བསྐུལ་ཏེ་གནས་རི་སྲུང་བ་དང་།


གཞན་རྡོ་སྐུ་བཟོ་མཁན་གསར་དུ་བསྐྱེད་བསིངས་ཏེ་གནས་བཟང་ཞབས་ཆུང་རི་ལུང་ལ་ཕ་བོང་ཆེན་པོའི་ངོས་སུ་ཁང་བརྩེགས་གཅིག་ནས་བདུན་ཅན་གྱི་བདེ་གཤེགས་བརྒྱད། བྱང་སེམས་ཉེར་བརྒྱད།སྒྲོལ་མ། ཞི་ཁྲོ། བདེ་གཤེགས་སོ་ལྔ་སོགས་ཀྱི་བྲག་རྡོའི་འབུར་སྐུ་མང་པོ་དང།  གཟུངས་སྔགས་སྣ་ཚོགས་ཀྱི་བྲག་འབུར་མང་ལ་མཛེས་པ་མང་པོ་བརྐོས་ཧེ་ལྷ་སྐུའི་གླིང་ཁ་གནམ་སའི་བར་གྱི་མཆོད་དགོན་ཟེར་བ་ཞིག་ཏུ་བསྒྱུར།


ཕ་ཡུལ་གྱི་སྒྲུབ་ཕུག་ཁག་ཞིག་གསོ་བྱས། ཁམས་རྫོགས་ཆེན་དགོན་དུ་གེ་སར་ལི་སྐུ་ཐོག་བརྩེགས་གསུམ་ཅན་བཞེངས།


རྒྱུན་དུ་བོད་རིག་པ་ཆོས་བཅས་འཆད་རྩོམ་ཡིག་བསྒྱུར་སོགས་ཀྱིས་སློབ་མ་སྐྱོང་བ་དང་། ཚེ་ཐར་སྲོག་བླུ་བྱེད་པར་དགའ་བ། ཉིན་ལྟར་བླ་མ་དྲན་པའི་ཉམས་ལེན་ལ་འབད་པས་བསྟན་འགྲོའི་བདེ་དོན་ལ་ནུས་པ་ཕུལ་བཞིན་ཡོད།


ཁོང་ནི་དྲིན་ཤེས་དང་། སྙིང་ཁམས་ལྡན་པའི་བོད་ཁམས་པའི་མྱི་དཀྱུས་མ་ཞེས་རང་གི་ལྟ་བ་གཞན་དྲིང་མེད་པར་འཁྱོངས་བ་ལ་དགའ་ཞིང་། གཞན་ལ་བར་མ་ཆད་པས་ཆོས་དང་རིག་གཞུང་འཆད་སྤེལ་དང་།རྩོམ་དང་སློབ་གསོ་སོགས་ཅི་ཐུབ་གང་ཐུབ་བྱེད་མཁན་ཞིག་རེད།


གསལ་པོར་ཤེས་འདོད་ན་ཁོང་གིས་བཤད་པའི་ཤེར་ལེའུ་དེབ་ཀྱི་དབུ་ཕྱོགས་ལ་གཟིགས་ན་འཆད་ཉན་སོགས་རྒྱས་བཤད་མོད་་་་་




留言

這個網誌中的熱門文章

《持明慧粹》好念頭的一百個功德(八) 講法者迦公仁增塔欽仁波切 以上十個好處加上二十七個共三十七個,接著再講述十個好念頭的功德。 第一個,度化眾生的時候,一點也不空虛、也不用害怕。所謂的眾生,「眾」是很多的意思,「生」是生命的生,中文將「眾生」翻譯得很好!所有生命形態的眾生,有些是我們感覺不到的,若身為人,可以感覺到旁人,旁邊有誰會知道的。但是我們所感受到、所知道的眾生僅是少數,如果心胸廣大的話,也能思及多數的眾生啊!所以我們度化少數的人類眾生之後,能看到、幫忙到多數眾生的時候,一點也不空虛、也不用害怕。 第二個,俱足好的念頭的人,看到煩惱者的時候,能特別愛護他。看到瞋心很強、癡心很強、嫉妒心很強、煩惱非常強大者的時候,能特別愛護他。例如看到瘋子的時候,特別憐憫他,若能一直如此思惟的話,能對煩惱者有更強大的幫助,對煩惱者都能生起愛護的心和慈悲心。 第三個,好的念頭為主的人,所做一切的事情不會侷限在短暫的自私自利的範圍內,好的念頭厲害的人,不會忙於自己短暫的自私自利為主的渺小事情,他會做更廣、更大、更好的事情。 第四個,好的念頭俱足圓滿的話,非常歡喜做利益眾生的事情。很想做利益多數人的事情,非常開心地做,對吧! 第五個,好的念頭為主的話,恆常成長福報,會累積很多福報。 第六個,好的念頭為主的人,天界和人界的眾生都會拜見、禮拜這個人,因為天界和人界的眾生都會禮拜好的念頭啊!不是禮拜東西,而是禮拜這個人。 第七個,好的念頭為主的修行人,眾人皆會將他視為領袖、領導,不需自己去宣傳自己是誰,不用廣告,也不用選舉啊!也不用說自己有多厲害。具有好的念頭的話,人們都會認為您很厲害,自然就成為領導人、偉大的領袖。 第八個,好的念頭為主的人,樂於將自己的利樂送給他人,而不會慳吝,也不會捨不得。 第九個,好的念頭為主的人,看事情的時候,會以不多不少、非常合宜的語言來表達,因此很多人喜歡與這個人見面。 第十個,具有好的念頭、以修行為主的人,喜歡靜坐,也經常靜坐,因為在靜坐之中,粗部的煩惱都不見了,好舒服喔! 這十個加上前述的三十七個,總共四十七個。 持明仁增塔欽 https://chihming8.blogspot.com/

 《持明慧粹》好念頭的一百個功德(八) 講法者迦公仁增塔欽仁波切 以上十個好處加上二十七個共三十七個,接著再講述十個好念頭的功德。     第一個,度化眾生的時候,一點也不空虛、也不用害怕。所謂的眾生,「眾」是很多的意思,「生」是生命的生,中文將「眾生」翻譯得很好!所有生命形態的眾生,有些是我們感覺不到的,若身為人,可以感覺到旁人,旁邊有誰會知道的。但是我們所感受到、所知道的眾生僅是少數,如果心胸廣大的話,也能思及多數的眾生啊!所以我們度化少數的人類眾生之後,能看到、幫忙到多數眾生的時候,一點也不空虛、也不用害怕。     第二個,俱足好的念頭的人,看到煩惱者的時候,能特別愛護他。看到瞋心很強、癡心很強、嫉妒心很強、煩惱非常強大者的時候,能特別愛護他。例如看到瘋子的時候,特別憐憫他,若能一直如此思惟的話,能對煩惱者有更強大的幫助,對煩惱者都能生起愛護的心和慈悲心。     第三個,好的念頭為主的人,所做一切的事情不會侷限在短暫的自私自利的範圍內,好的念頭厲害的人,不會忙於自己短暫的自私自利為主的渺小事情,他會做更廣、更大、更好的事情。     第四個,好的念頭俱足圓滿的話,非常歡喜做利益眾生的事情。很想做利益多數人的事情,非常開心地做,對吧!     第五個,好的念頭為主的話,恆常成長福報,會累積很多福報。     第六個,好的念頭為主的人,天界和人界的眾生都會拜見、禮拜這個人,因為天界和人界的眾生都會禮拜好的念頭啊!不是禮拜東西,而是禮拜這個人。     第七個,好的念頭為主的修行人,眾人皆會將他視為領袖、領導,不需自己去宣傳自己是誰,不用廣告,也不用選舉啊!也不用說自己有多厲害。具有好的念頭的話,人們都會認為您很厲害,自然就成為領導人、偉大的領袖。     第八個,好的念頭為主的人,樂於將自己的利樂送給他人,而不會慳吝,也不會捨不得。     第九個,好的念頭為主的人,看事情的時候,會以不多不少、非常合宜的語言來表達,因此很多人喜歡與這個人見面。     第十個,具有好的念頭、以修行為主的人,喜歡靜坐,也經常靜坐,因為在靜坐之中,粗部的煩惱都不見了,好舒服喔...

《持明慧粹》第十八輯偈頌(一) 持明 仁增塔欽仁波切新譯 《經莊嚴論》偈頌 2016年10月1日 མདོ་སྡེ་རྒྱན་ལས། 《經莊嚴論》載 བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། ། 精進謂能顯欲成臻獲 བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། ། 精進謂清淨極致圓滿 བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། ། 精進謂滅種超逾解脫

《持明慧粹》第十八輯偈頌(一) 持明 仁增塔欽仁波切新譯 《經莊嚴論》偈頌 2016年10月1日 མདོ་སྡེ་རྒྱན་ལས། 《經莊嚴論》載 བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། ། 精進謂能顯欲成臻獲 བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། ། 精進謂清淨極致圓滿 བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། ། 精進謂滅種超逾解脫 བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས།། 精進謂菩提甚勝成佛 《經莊嚴論》載,具有精進波羅蜜的話,能獲得能顯之中的一切圓滿,所以精進是第一要。精進的本質是歡喜,有歡喜的精進,精進能讓能顯輪迴裡一切心求的事情都圓滿成功的,精進謂清淨圓滿的果位願變成。 精進波羅蜜的修行境界,能超越滅依的我執與我執所顯的一切。具有歡喜自在的大乘精進的話,究竟珍貴的菩提會達成,這是《經莊嚴論》裡所載的。 今天白天去醫院看我妹妹,但是妹妹到了晚上,身體狀況又變不好,所以就又去醫院看她,沒有空暇講法。 精進的本質是歡喜啊!有了精進的話,能顯輪迴裡能獲得心想事成。精進波羅蜜的修持存在的話,清淨圓滿的吉祥悉全獲得。精進修持圓滿的話,滅依五蘊等等有執我的一種感覺與執我顯現的一切都會超越的。有精進的話,也能獲得證悟大乘的菩提境界。 所以,精進就是我們在聞思修上面、解脫成佛上面不放棄。越忙的時候,越要有精進心;越累的時候,越要有精進波羅蜜來聞思修佛法的道理。 這精進的一種修持圓滿的道理,人生無常,願即身成佛。  持明仁增塔欽 https://chihming8.blogspot.com/

⚜️《天降格薩爾王》第五,41-45 西藏偉大的英雄史詩唱誦。⚜️Wechat 公眾號 《格薩爾王傳》 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། ལྔ་པ། ༤༡-༤༥

⚜️《天降格薩爾王》第五,41-45 西藏偉大的英雄史詩唱誦。⚜️Wechat 公眾號  《格薩爾王傳》 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། ལྔ་པ། ༤༡-༤༥ https://mp.weixin.qq.com/s/7SaX0Ts0oMP6U9b36q1CYQ ⚜️持明 仁增塔欽仁波切 人們人心清淨自在、歡樂喜悅,並且獲得格薩爾王之加持,即身成佛! 此書源於恩師在海拔四千多公尺的蘭若處閉關時,一時靈感湧現,彷彿格薩爾王及其將領們紛紛從天而降,當下顯現出千年前的場景和對白。 在師廢寢忘食完成文字部分後,我們又於高原和平地間奔波,和格薩爾曲藝歌手合作,耗時一年又三個月,最終錄製出數十首歌曲,代表格薩爾王和其將領、眷屬的精彩故事。