⚜️持明 仁增塔欽⚜️ 持明 仁增塔欽仁波切2022.02.15 འབར་བའི་ལྕེ་ལ་ཤེས་རབ་དབལ་ཟིལ་བརྟས།། དམར་པོའི་འོད་ལ་དབང་གི་མདངས་ཀྱིས་སྒེག། དུ་ཞགས་འཁྱིལ་བ་སྣང་སྟོང་འཁྱུག་རིས་ཀྱིས།། དངོས་འཛིན་ཤེས་བྱའི་བུད་ཤིང་གཞོབ་ཀྱིས་སྲེག།😃
持明 仁增塔欽仁波切2022.02.15 ⚜️持明 仁增塔欽⚜️
འབར་བའི་ལྕེ་ལ་ཤེས་རབ་དབལ་ཟིལ་བརྟས།།
དམར་པོའི་འོད་ལ་དབང་གི་མདངས་ཀྱིས་སྒེག།
དུ་ཞགས་འཁྱིལ་བ་སྣང་སྟོང་འཁྱུག་རིས་ཀྱིས།།
དངོས་འཛིན་ཤེས་བྱའི་བུད་ཤིང་གཞོབ་ཀྱིས་སྲེག།😃
ལྗོན་ལོའི་གསེབ་ནས་འུར་བའི་ཆུ་སྒྲའི་ཁྲོད།།
རི་དྭགས་ཁ་ཤྭ་གྲགས་པས་གཉིད་དཀྲོག་པའི།།
མཚན་མོར་རྒྱུ་བའི་བྱ་དེས་བར་བར་ལ།།
རྣ་བར་གཟོན་པའི་ལྷོང་ཚད་ཉུང་ཉུང་མིན།།
སེམས་ནང་ལྷིང་འཇགས་་དྲན་པ་གློ་བུར་པས།།
ཡུལ་གྱི་ཁྲ་ཁྲ་ཉུང་བའི་ས་སྟོང་ལ།།
ཉལ་ཉལ་བ་ཡི་ལེ་ལོའི་ངང་ཤེད་ནས།།
བླ་མ་དྲན་པའི་སྣང་བ་མ་འགག་ཙམ།།
༢༠༢༢ ༢ ༡༥ནུབ་ཇའི་ཞོར་ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན།
留言
張貼留言