👑吾之上師在出家戒的新年祝福
⚜️持明 仁增塔欽仁波切 2021.12.19 💎持明 仁增塔欽💎
དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དངོས་ཀྱི་གདུལ་བ་ཐ་མ་གཉིས་ཏེ་དྲི་ཟའི་རྒྱལ་པོ་རབ་དགའ་ལ་ཆོས་བཤད་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །ཀུན་ཏུ་རྒྱུ་རབ་བཟང་ཞེས་བ་བ་ལོ་བརྒྱ་ཉི་ཤུ་ལོན་པ་དེ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་བ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་སྔོན་གནང་བ་ཡང་མེད། བཀག་པ་ ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ།།གལ་ཏེ་རུང་པ་བསྟན་ཅིང་མི་རུང་བ་དང་མི་མཐུན་ཏེ་མི་རུང་བ་བསན་ཅིང་རུང་བ་དང་མི་མཐུན་ན།རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱའོ།། འདི་ལ་འགྱོད་པར་མི་བྱའོ།།ཞེས་གསུངས་པའི་དམ་ཆོས་འདུལ་བའི་རྡོ་རྗེའི་གནས་འདིས་དེ་རིང་དགེ་ཚུལ་དགེ་སློང་གི་འདུལ་སྡོམ་ཁ་ཙམ་མིན་པའི་དག་ལྡན་མཁན་དམིགས་བསལ་བ་དང་། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་དང་བཅས་པའི་སོ་ཐར་རིགས་བརྒྱད་པོའི་ཐུགས་དགེ་བ་ལ་འདུན་པའི་དགེ་འདུན་སྡེ་ལ། ཧོར་ཟླ་༡༠/༡༦དམ་པའི་ཆོས་འདུལ་བ་དང་མངོན་པ་སོགས་ལས་གསུངས་པའི་ལོ་མགོ་དང་། ལོ་གསར་ཡང་ཡིན་པར་གྲགས་པར་བཞིན་བཀྲ་ཤིས་བདེ་ལེགས་ཞུ་པ་ཡིན། །
留言
張貼留言