持明 仁增塔欽仁波切2021-12-19 དེ་སྔོན་ཆོས་གྲྭར་དེ་ཚོར་ཡོད་སྐབས་འཛིན་གྲྭ་བརྒྱུད་དུས་འདི་འདྲ་བྲིས་ཡོད་ན་ཁྱེད་རང་གི་མི་ཚེའི་རྗེས་དྲན་དང་་་་
持明 仁增塔欽仁波切2021-12-19💎持明 仁增塔欽💎
དེ་སྔོན་ཆོས་གྲྭར་དེ་ཚོར་ཡོད་སྐབས་འཛིན་གྲྭ་བརྒྱུད་དུས་འདི་འདྲ་བྲིས་ཡོད་ན་ཁྱེད་རང་གི་མི་ཚེའི་རྗེས་དྲན་དང་་་་གཞན་སྣང་འདྲེན་པ་ལ་ཕན་ཀྱང་ཁྱེད་ལ་དེ་འདྲའི་རིགས་ཀྱི་རྩོམ་ཡོད་མེད་ངས་མི་གསལ་་་གལ་ཏེ་ཡོད་ན་དེ་དུས་ལོ་ཆུང་སྐབས་སུ་བྲིས་པ་དང་། ཆེ་དུས་བྲིས་པ་གཉིས་རིན་ཐང་མི་འདྲ་་་་་ལོ་ཆུང་ལ་ཕར་འགྲོ་བ་ནི་ཆུ་བོ་གྱེན་བཟློག་ལས་དཀའ། དེའི་ཕྱིར་དེང་རྩོམ་བྱིས་པའི་བསམ་བློའི་འདུ་འགོད་དང་། རྒྱ་རྩོམ་འཚོ་བའི་གསོན་ཤུགས། བོད་གནའ་རྩོམ་་ཚིག་དོན་བརྗིད་པ་སོགས་བྲིས་ན་རྩོམ་སྲོལ་གང་བྲིས་ཀྱང་ཆོག་པ་རེད་དེ། གཞུང་རྩོམ་དཔྱད་པ་ཕེར་བ་དཀའ་གནད་མཐའ་དཔྱད་བཅས་པ་དང་། སྙན་ངག་ཡིན་ན་གནའ་དེང་སྙན་ངག་གི་རིན་ཐང་དོད་ཡོད་པའི་སྙན་ངག་འབྲི་བ་གལ། རྒྱ་ཡིག་གི་རྩོམ་ཡག་པོ་འདུག་ཀྱང་ངས་བལྟས་ན་གཞུང་ཆེན་ཁག་དང་འགྲེལ་བའི་དཔྱད་རྩོམ་བྲིས་ན་ད་ལྟའི་སློབ་སྦྱོང་ལ་ཕན། མ་འོངས་ཆོས་ལམ་ལའང་ངོ་མཚར་མི་ཆེའམ།
留言
張貼留言