🌈持明 仁增塔欽🔗 ཡིད་འཕྲོག་བཞིན་བཟང་ཆུ་སྐྱེས་བཞད་པའི་ཞལ།།ཟུར་མིག་ཟེའུ་འབྲུའི་ཕུང་ཕུང་གཡོ་བ་ཡི།།འགུག་བྱེད་དབང་གི་གར་འཆམ་ལྡེམ་ལྡེམ་ལ།།དམར་ནག་ཁྲོལ་གྱི་མཚོ་མོར་དགའ་བཞིན་ཡེངས།།
བདུད་རྩིའི་མྱོས་བུམ་མཐོན་པོའི་ཁུར་གྱིས་ལྕི།།རབ་དགའི་མཆུ་སྒྲོའི་དབང་གི་མདངས་འཚེར་བའི།།
མྱི་རྗེ་གེ་སར་དགྱེས་པའི་དགའ་སྟེར་མ།།
སྨིན་ལེགས་ལྷ་མོའི་འཆམ་འདིའི་སྒྱུ་རྩལ་རྨད།།
དྭངས་སེམས་དགའ་བ་འཁྱིལ་བའི་སྤྲོ་བ་ཡིས།།ལེགས་བྱས་རྣམ་ཐར་འཁྲབ་པའི་གཡང་འཁྱིལ་སྡེ།།
ཕུན་ཚོགས་རྒྱན་གོས་སྟངས་སྟབས་དྲ་མ་ཡིས།།
རྫོགས་སྡེ་སྐྱིད་པའི་ཕྲིན་ལས་སྤེལ་ལ་བསྟོད།།
持明 仁增塔欽
2021年8月21日
留言
張貼留言