ནགས་ཀྱི་དྲི་བསུང་འཐུལ་བའི་ངད་པ་དང་།། 🌈持明 仁增塔欽🔗
ཡིད་འཕྲོག་སྒྲོ་གུར་འཇའ་མདངས་བཀྲ་བ་ཡིས།།
སྙན་འཇེབས་རོལ་མོ་དཀྲོལ་བའི་དབེན་ས་ཆེ།།
མ་ཆགས་འཕགས་པ་དགྱེས་པའི་གནས་འདི་བསྔགས།།
བསྲི་བ་མེད་པའི་སྡུག་བདེན་རང་མཚན་པས།།
མནར་བར་ངལ་གསོའི་དབེན་སྟེགས་ཉམས་དགའ་བ།།
གཉུག་སེམས་ངང་གྲོལ་ཀློང་དུ་བཞུགས་པ་ཡི།།
མཚོ་སྐྱེས་པདྨའི་བྱིན་བརྒྱུད་འཛིན་ཚོར་དད།།
སྟོན་སྤྲིན་དཀར་པོ་ཨ་སྔོན་གནམ་ནས་འཕུར།།
བདུད་རྩིའི་སྨན་ཆར་ལྗོན་རྩེར་རྩེན་ས་འདིར།།
ཆོས་བརྒྱད་མེ་འོབས་ཡིད་བྱུང་མཚམས་པ་རྣམས།།
བསམ་གཏན་སྐྱིལ་ཆུང་རྒྱ་ཆེའི་ཞིང་ཁམས་བཀོད།།
གངས་རྫའི་དབུ་འཕང་སྨུག་པའི་ཞིང་ལ་ཕྱིན།།
འཁྲིལ་བག་ལྕུགས་ཕྲན་ལྗོངས་མཐར་ཚལ་དུ་དཀྲིགས།།
ཡལ་འདབ་སྟུག་པའི་ཡིད་འོང་ནགས་མཐོངས་འདིར།།
སྔོན་བྱོན་དཔའ་སྤྲུལ་མི་ཕམ་བཞུགས་པའི་གནས།།
持明仁增塔欽
2021年8月27日
留言
張貼留言