🌈持明 仁增塔欽🔗ཤེས་བྱའི་མཐའ་རུ་རྩེན་པའི་རྣམ་དཔྱོད་དང་།།
མང་ཐོས་རིག་པའི་གློག་ཞགས་འཁྱུགས་པས་ཀྱང་།།
ལྟ་བའི་གད་རྒྱང་སྒྲོག་པའི་རི་སུལ་པའི།།
རྟོགས་པའི་གདོད་ཤེར་སུ་ཡིས་ཟླ་བར་ནུས།།
སྣང་ཞེན་སྤྲོས་པའི་མཚན་མས་བཅིངས་བ་དང་།།
ཡོད་ཚད་ཇུས་འོག་ཤོར་བའི་མོག་མོག་པས།།
བརྟན་གཡོ་ཕྲ་རགས་རྟོགས་པའི་རྣལ་འབྱོར་གྱི།།
རིམ་གཉིས་ཉམས་ཀྱི་ཏིང་འཛིན་ཟླ་དང་བྲལ།།
བརྒྱུད་གསུམ་བྱིན་རླབས་འབུམ་ལྡན་ལྷའི་བླ་མ།།
དུས་གསུམ་འབྲལ་མེད་སྙིང་གི་མེ་ལོང་ངོར།།
སྐུ་གསུམ་འདུས་པའི་དཔལ་དུ་འཆར་བྱས་ན།།
གསང་གསུམ་ཡོན་ཏན་རྒྱ་མཚོའི་ཕྲིན་ལས་ཟིན།།
持明 仁增塔欽
2021年8月26日
留言
張貼留言